|
|
|
UDI འི་རྒྱལ་སྲིད་སྣེ་ལེན་ཁང་གི་གནས་བཞུགས་ཆེད་ཀྱི་རང་ཉིད་ཀྱི་ཐོབ་རྒྱུ་དང་ རྒྱུ་ནོར་ _____________________________________________________________________________________________ (Tibetan ('Tibetan Machine Uni' FONT))
།།རྒྱལ་སྲིད་སྣེ་ལེན་ཁང་ནང་གི་བཞུགས་མཁན་ཆེད་ཀྱི་གནས་ཚུལ།།
༈རྒྱལ་སྲིད་ཀྱི་སྣེ་ལེན་ཁང་ནང་དུ་བཞུགས་པའི་སྐྱེས་བུ་རྣམས་ཆེད་ཀྱི་ནོར་སྲིད་རོགས་རམ་དང་ འབྲེལ་བའི་ཁྲིམས་ལུགས་༈
རྒྱལ་འཛུལ་འགག་སྒོའི་དབང་ཛིན་ལས་ཁུངས་ཀྱིས་ རང་མགོ་ཐོན་ཐུབ་པའི་འཚོ་རྟེན་མེད་མཁན་མ་གཏོགས་པའི་གང་ཟག་ལ་ ནོར་སྲིད་རོགས་རམ་སྟེར་མི་ཆོག།། ཁྱེད་ལ་ཐོབ་རྒྱུའམ། ཡང་ན་སྒེར་གྱི་དཔལ་འབྱོར་གང་འདྲ་ཞིག་ཡོད་ན། ཁྱེད་ལ་ཆ་ཚང་ངམ་ཆ་ཤས་ཀྱི་འཚོ་རྟེན་ཡོད་པས་ཁྱབ་པའི་རྐྱེན་གྱིས། དེ་ལྟ་བུའི་སྐབས་སུ་ཁྱེད་ལ་ནོར་སྲིད་རོགས་དངུལ་མི་སྟེར་རམ། ཡང་ན་ཁྱེད་ཀྱི་ཐོབ་རྒྱུ་དང་ སྒེར་གྱི་དཔལ་འབྱོར་གྱི་ཆེ་ཆུང་གི་ཚད་དུ་ རོགས་དངུལ་ཉུང་དུ་གཏང་བར་མཛད།། ཁྱེད་ལ་ཕོགས་སམ་གླ་ཆ་དང་ མཚུངས་པའི་ཐོབ་རྒྱུ་ངེས་ཅན་ཞིག་འབྱོར་ན། ཁང་གླ་ཡང་རྩིས་རྒྱག་པར་མཛད་དོ།།
ང་ཚོས་ཁྱེད་ལ་ཆེ་ཆུང་འོས་ཤིང་ཡང་དག་པའི་ནོར་སྲིད་རོགས་དངུལ་སྟེར་ཐུབ་པའི་ཕྱིར་དུ་ཁྱེད་ཀྱིས་ ༈རང་ཉིད་ཀྱི་ཐོབ་རྒྱུ་དང་ རྒྱུ་ནོར་སྙན་སེང༈ ལ་མཚན་རྟགས་སྐྱོན་པའི་སྒོ་ནས་ཁྱེད་ལ་ཐོབ་རྒྱུའམ་སྒེར་གྱི་དཔལ་འབྱོར་ཡོད་མེད་སོགས་གྱི་གནས་ཚུལ་ཐམས་ཅད་UDI་ཚབ་ཞུ་བའི་ སྣེ་ལེན་ཁང་གི་དོ་དམ་པའམ་ནོར་སྲིད་དོ་དམ་པ་ལ་བཞུས་གནང་དགོས།། ཁྱེད་ཀྱིས་ཕུལ་གནང་བའི་གནས་ཚུལ་ནི།UDI་ལ་ནོར་སྲིད་རོགས་རམ་གྱི་ཆེ་ཆུང་རྩིས་འདེབས་མ་ཡིན་པའི་དོན་དག་ལ་ ངེས་པ་ཉིད་དུ་བེད་སྤྱོད་མི་གནང་བ་ཟེར་བའི་ལས་འགན་ཡོད་པ་རེད།།
UDI་ཚབ་ཞུ་བའི་སྣེ་ལེན་ཁང་གི་དོ་དམ་པའམ་ནོར་སྲིད་དོ་དམ་པས་ཞུ་བསྐུལ་གནང་བའི་སྐབས་སུ། ཁྱེད་ལ་ད་དུང་ཡང་ནོར་སྲིད་རོགས་རམ་ལོངས་སུ་སྤྱོད་པའི་ཐོབ་ཐང་ཡོད་མེད་སྲོགས་ ར་སྤྲོད་བྱེད་པའི་ཡིག་ཆ་ཕུལ་གནང་རྒྱུའི་ལས་འགན་ཡོད།། དེ་ལྟ་བུའི་ཡིག་ཆ་ཕུལ་གནང་དགོས་པའི་དུས་སྐབས་ མ་ཡོང་གོང་དུ་ཁྱེད་ལ་ཡི་གེ་བཏང་གནང་དགོས།།
UDI་ལ་དགོས་པའི་ཡིག་ཆ་རྣམས་ཕུལ་མ་གནང་ན། ཁྱེད་ཀྱི་ནོར་སྲིད་རོགས་རམ་འགག་པར་མཛད་དོ།།
UDI་ཚབ་ཞུ་བའི་སྣེ་ལེན་ཁང་གི་དོ་དམ་པའམ་ནོར་སྲིད་དོ་དམ་པས་ཞུ་བསྐུལ་ཕུལ་གནང་བའི་སྐབས་སུ། ཁྱེད་ཀྱིས་ཤམ་གསལ་ཡིག་ཆ་རྣམས་རག་ནས་ཕུལ་གནང་དགོས༔ · ལས་ཀ་ཡོད་ན། གླ་ཆའི་ཆེ་ཆུང་ར་སྤྲོད་བྱེད་པའི་འཛིན་ཤོག་མཐའ་མ་དེ།། · ལས་ཀ་ཡོད་ན། ཁྱེད་དང་ ལས་ཀ་སྤྲོད་མཁན་བར་གྱི་གན་རྒྱ།། · ནོར་ཝེ་ནང་གི་དངུལ་ཁང་གང་རུང་ཞིག་གི་དངུལ་འཇོག་ས་ཡོད་ན། འདས་ཟིན་པའི་སྤྱི་ཟླའི་ནང་ཁྱེད་ཀྱི་དངུལ་འཇོག་སར་དངུལ་ག་ཚད་ཙམ་ཡོད་མེད་ར་སྤྲོད་བྱེད་པའི་འཛིན་ཤོག།། · ཁྲལ་སྡུ་ཁང་དབང་ཛིན་ལས་ཁུངས་ནས་འདས་ཟིན་པའི་སྤྱི་ལོའི་ནང་ཁྲལ་ག་ཚད་ཕུལ་གནང་ཡོད་མེད་ར་སྤྲོད་བྱེད་པའི་འཛིན་ཤོག་གི་འདྲ་བཤུས།། · འདས་ཟིན་པའི་སྤྱི་ཟླ་༡༢་ཀྱི་ནང་ཁྱེད་ལ་སྤྱི་ཚོགས་ཁེ་ཕན་རོགས་དངུལ་ག་ཚད་འབྱོར་ཡོད་མེད་ར་སྤྲོད་བྱེད་པའི་འཛིན་ཤོག།།
།།ཐོབ་རྒྱུ་དང་ རྒྱུ་ནོར་གྱི་སྙན་སེང།།
གོང་གསལ་ཤེས་བྱ་ཐམས་ཅད་ཧ་གོའོ།།
ངས་དངོས་སུ་ལོངས་སྤྱོད་བྱེད་ཐུབ་པའི་ཐོབ་རྒྱུ་དང་ སྒེར་གྱི་དཔལ་འབྱོར་ཡོད་ཚད་དང་ འབྲེལ་བའི་གནས་ཚུལ་UDI་ཚབ་ཞུ་བའི་སྣེ་ལེན་ཁང་གི་དོ་དམ་པའམ་ནོར་སྲིད་དོ་དམ་པ་ལ་ཕུལ་ཟིན་ཡོད་ཅེས་པའི་སྙན་སེང་ཞུའོ།། སྣེ་ལེན་ཁང་དུ་སྡོད་པའི་དུས་སྐབས་སུ་ང་ལ་དཔལ་འབྱོར་རམ་དངུལ་གསར་པ་འབྱོར་ན། UDI་ཚབ་ཞུ་བའི་སྣེ་ལེན་ཁང་གི་དོ་དམ་པའམ་ནོར་སྲིད་དོ་དམ་པ་ལ་གནས་ཙུལ་འདི་ཞུ་རྒྱུ་དང། དགོས་པའི་ཡིག་ཆ་ཐོབ་ཅིང་ཡར་དབུལ་རྒྱུའི་ལས་འགན་ཡོད་དོ།། ཐོབ་རྒྱུ་དང་ སྒེར་གྱི་དཔལ་འབྱོར་འགྱུར་བའི་སྐབས་སུའང་དེ་བཞིན་ནོ།།
ངའི་ཐོབ་རྒྱུ་དང་ སྒེར་གྱི་དཔལ་འབྱོར་དང་ འབྲེལ་བའི་གནས་ཚུལ་དེ་ངས་བསམ་བཞིན་དུ་གསང་སྦེད་བྱེད་པའམ། ཡང་ན་ནོར་འཁྲུལ་གྱི་གནས་ཚུལ་སྒྲུབ་སྤྲོད་བྱེད་ན། ངའི་བྱས་ཉེས་སྐོར་བསྲུང་བར་སྙན་སེང་ཞུས་གནང་སྲིད་ཟེར་བའི་གནས་སྟངས་ཧ་གོའོ།། རང་སྙན་སེང་འདིའི་དོན་དག་དང་ ཁག་དེ་ཧ་གོ་ཞིང་ཁས་བླངས་ནས། འདི་དང་ འབྲེལ་བའི་གནས་ཚུལ་གལ་ཆེ་བ་གང་ཐུབ་ཏུ་སྒྲུབ་སྤྲོད་བྱེས་ཡོད།།
Language : Tibetan DUF ཨང་གྲངས ______________ སྤྱི་ལོ་ཟླ་ཉིན ______________ སྐྱབས་ཞུ་མཁན་གྱི་མིང་རྟགས ___________ སྣེ་ལེན་ཁང་ཆེད་མཚན་རྟགས ___________
སྤྱི་ལོ་༢༠༠༦་ཟླ་༡་ཚེས་༡་ནས་བཟུངས་རྒྱུག་པའོ། |
bravenet.com